网页 综合 更新时间 2026-11-14 14:26:06

中国藏语广播网

自动蜘蛛 www.tibetcnr.com 正文约 2717 字
ཆ་འཕྲིན་ཐེར་འདོན། mzjubao@cnr.cn
སྤྱི་ཚོགས་འགན་སྲུང་བྱང་བུ་ནི་བྱང་བུའི་བདག་པོར་སྤྱི་ཚོགས་འགན་སྲུང་དང་སྤྱི་པའི་ལས་ཞུགས་ཞབས་ཞུའི་ཁེ་དབང་ཡོད་པའི་དཔང་ཡིག་ཅིག་ཡིན་པ་དང་། དེར་ཆ་འཕྲིན་ཐོ་འགོད་དང་། ཆ་འཕྲིན་འདྲི་རྩད། ལས་སྒོ་སྒྲུབ་པ་སོགས་ཀྱི་རྨང་གཞིའི་ནུས་པ་ལྡན་ཡོད། མིག་སྔར་རྒྱལ་ཡོངས་སུ་སྤྱོ་ཚོགས་འགན་སྲུང་བྱང་བུ་ཡོད་པའི་མི་དུང་ཕྱུར་13.9ཟིན་གྱི་ཡོད་པས། ཇི་ལྟར་བྱས་ཏེ་སྤྱི་ཚོགས་འགན་སྲུང་བྱང་བུ་ནོར་འཛོལ་མེད་པའི་སྒོ་ནས་བེད་སྤྱོད་དགོས་སམ་ཞེ་ན།
ཐོབ་ཐང་ལག་ཁྱེར་གྱི་དུས་བཀག་གཙང་ཚེ། སྤྱི་ཚོགས་འགན་སྲུང་བྱང་བུ་ངེས་པར་དུ་བརྗེ་དགོས་སམ་མི་དགོས།
རུས་མིང་དང་། སྤྱི་ཚོགས་འགན་སྲུང་བྱང་བུའི་ཨང་གྲངས། འདྲ་པར། ཞབས་ཞུའི་དངུལ་ཁང་བཅས་ལ་འགྱུར་ལྡོག་བྱུང་མེད་ཚེ། བརྗེ་མི་དགོས། གལ་ཏེ་ཐོབ་ཐང་ལག་ཁྱེར་གྱི་དུས་བཀག་གཙང་ནས་དངུལ་རྩའི་ནུས་པ་ཁག་གཅིག་ལ་ཤུགས་རྐྱེན་ཐེབས་ཚེ། དངུལ་ཁང་གི་ཞབས་ཞུའི་ཐབས་ལམ་བརྒྱུད་ལག་ཁྱེར་གྱི་ཆ་འཕྲིན་གསར་པ་བརྗེ་ཆོག་ཅིང་། བྱང་བུ་བརྗེ་མི་དགོས།
འགན་བཅོལ་བྱེད་གནས་བསྒྱུར་ན་སྤྱི་ཚོགས་འགན་སྲུང་བྱང་བུ་བརྗེ་དགོས་སམ།
བྱང་བུ་བརྗེ་དགོས་མིན་དེ་འགན་བཅོལ་བྱེད་གནས་ཇི་ལྟར་བསྒྱུར་བར་བལྟ་དགོས། གལ་སྲིད་ཞིང་ཆེན་ལས་བརྒལ་ཏེ་འགྲོ་འོང་བྱེད་པ་སྟེ། འགན་བཅོལ་བྱེད་གནས་བསྒྱུར་ཚེ། སྤྱི་ཚོགས་འགན་སྲུང་བྱང་བུ་བརྗེ་རྒྱུའི་རེ་ཞུ་རྒྱག་དགོས། ཞིང་ཆེན་ནང་ཁུལ་ནས་སྤྱི་ཚོགས་འགན་སྲུང་གི་འབྲེལ་བ་བསྒྱུར་ཚེ། བྱང་བུ་བརྗེ་མི་དགོས།
བྱང་བུ་བརྗེ་བར་བྱང་བུ་ཐོག་མར་སྤྲོད་སར་འགྲོ་མི་དགོས་པར་བྱང་བུའི་བདག་པོས་རྒྱལ་ཡོངས་ཀྱི་ས་ཆ་གང་རུང་དུ་དྲ་ཐོག་ནས་བརྗེ་ལེན་བྱེད་ཆོག་ཅིང་། རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་། གློག་རྡུལ་སྤྱི་ཚོགས་འགན་སྲུང་བྱང་བུའི་Appདང་བྱ་རིམ་ཆུང་གྲས་སོགས་བརྒྱུད་དྲ་ཐོག་ནས་རེ་ཞུ་སྤྲོད་པ་དང་། བྱང་བུ་ཐད་ཀར་རང་ཁྱིམ་དུ་བསྐུར་ཐུབ་ཁར། ཞིང་ཆེན་ལས་བརྒལ་ནས་བྱང་བུ་བརྗེ་ལེན་བྱེད་པ་མངོན་འགྱུར་བྱུང་ཡོད།
སྤྱི་ཚོགས་འགན་སྲུང་བྱང་བུ་བརྗེ་པོ་བརྒྱབ་རྗེས། དེ་སྔའི་རྩིས་ཐོའི་ནང་གི་དངུལ་ཇི་ལྟར་བྱེད་དགོས་སམ་ཞེ་ན།
བྱང་བུ་བརྗེ་པོ་བརྒྱབ་རྗེས། དེ་སྔའི་དངུལ་ཁང་གི་རྩིས་ཐོའི་ནང་གི་དངུལ་ལ་ཤུགས་རྐྱེན་ཐེབས་ཀྱི་མེད།
གལ་ཏེ་བྱང་བུ་བརྗེ་པོ་བརྒྱབ་རྗེས། ཞབས་ཞུའི་དངུལ་ཁང་སྔར་རྒྱུན་ལྟར་ཡིན་ཚེ། བྱང་བུ་རྙིང་པའི་མ་དངུལ་བྱང་བུ་གསར་པར་རང་འགུལ་ངང་སྒྱུར་བ་དང་། བདེན་པ་ཡིན་པའི་ར་སྤྲོད་བྱས་རྗེས་བེད་སྤྱོད་ཆོག་གི་ཡོད། གལ་ཏེ་ཞབས་ཞུའི་དངུལ་ཁང་བརྗེ་པོ་བརྒྱབ་ཚེ། སྔོན་ལ་དེ་སྔོན་གྱི་དངུལ་ཁང་གི་ཡུལ་དངོས་སུ་བསྐྱོད་པའམ་ཡང་ན་དྲ་ཐོག་དངུལ་ཁང་བརྒྱུད་དེ། བྱང་བུ་རྙིང་པའི་མ་དངུལ་སྤོ་སྒྱུར་རམ་ཡང་ན་བླངས་རྗེས་བྱང་བུ་རྙིང་པ་དེ་མེད་པར་བཟོ་དགོས།
གསབ་བརྗེའི་བྱང་བུའི་མ་གནས་གྲོན་དངུལ་དེ་བྱང་བུ་སྤྲོད་སའི་གྲོན་བསྡུའི་ཚད་གཞི་ལྟར་ལག་ལེན་བསྟར་དགོས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་ཏུ་མ་གནས་ཀྱི་གྲོན་དངུལ་སྤྲོད་དགོས་ཀྱི་མེད། དྲ་ཐོག་ནས་བྱང་བུ་གསབ་བརྗེ་བྱེད་པར་ད་དུང་བསྐུར་གླ་སྤྲོད་དགོས་ཀྱི་ཡོད། ཞིབ་ཕྲའི་གྲོན་དངུལ་ས་གནས་དེ་གའི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུའི་དྲ་ཚིགས་སམ་ཡང་ན་12333ཞབས་ཞུའི་ཐད་སྦྲེལ་ལ་ཁ་པར་བརྒྱབ་ནས་བློ་འདྲི་བྱེད་ཆོག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
新闻热线:400-800-0088(节目覆盖热线)
电子邮箱:4008000088@cnr.cn
违法和不良信息举报电话:010-56807188
京ICP备05065762号 京公网安备110102005709-4
访问原文 返回搜索 http://www.tibetcnr.com/xwnew/gdxwnew/202611/../../../jdt2019/202611/t20261103_1532039.html
本页为82搜索生成的网页快照,内容来自站内索引;演示数据的原文链接仅作示例。