网页 综合 更新时间 2026-11-14 07:31:49

中国藏语广播网

自动蜘蛛 www.tibetcnr.com 正文约 1604 字
ཆ་འཕྲིན་ཐེར་འདོན། mzjubao@cnr.cn
དེ་ཡང་གཅིག་ནི། གྲོད་ཁོག་ལྟོགས་པའི་སྐབས་དང་ཁ་ལག་བཟས་མ་ཐག་གཟུགས་པོ་འཁྲུ་མི་རུང་། ཁ་ལག་བཟས་མ་ཐག་གཟུགས་པོ་བཀྲུས་ཚེ། འཇུ་བྱེད་རྒྱུ་ལམ་དུ་ཁྲག་བཞུར་ཚད་དང་། འཇུ་བྱེད་རྒྱུ་ལམ་གྱི་ཟགས་ཐོན་ཚང་མ་ཉུང་དུ་འགྲོ་བ་དང་། དེས་རྐྱེན་པས་ཟ་འཇུ་དཀའ་བར་འགྱུར་བ་དང་། ད་དུང་སྙིང་གི་ཁུར་པོ་ལྕི་རུ་འགྲོ་ཉེན་ཡོད། མ་ཟད་ཁ་ལག་བཟས་མ་ཐག་གཟུགས་པོ་བཀྲུས་ན་ཁྲག་མངར་དམའ་རུ་འགྲོ་བ་དང་། ཐ་ན་ལུས་པོའི་ཟུངས་ཤུགས་ཟད་པ་དང་། མགོ་ཡུ་འཁོར་ནས་འགྱེལ་བའི་ཉེན་ཁ་ཡང་ཡོད། མདོར་ན། ཁ་ལག་བཟས་མ་ཐག་དང་གྲོད་ཁོག་སྟོང་པའི་གནས་སྐབས་ཚང་མར་གཟུགས་པོ་འཁྲུ་རྒྱུར་འཛེམས་དགོས་པ་དང་། རབ་བྱུང་ན་ཁ་ལག་བཟས་ནས་ཆུ་ཚོད་གཅིག་ཙམ་སོང་རྗེས་གཟུགས་པོ་བཀྲུས་ན་འཚམ་པོ་ཡོད།
གཉིས་ནི་ཆང་རག་བཏུངས་མ་ཐག་གཟུགས་པོ་འཁྲུ་མི་རུང་། དེ་ཡང་ཨ་རག་ཉིང་ཁུས་མཆིན་པའི་བྱེད་ནུས་ལ་འགོག་རྐྱེན་བཟོ་བས། མཆིན་པའི་ནང་མངར་ཆ་ཐོན་རྒྱུར་འགོག་རྐྱེན་བཟོ་ཡི་ཡོད། གཟུགས་པོ་འཁྲུ་སྐབས་གཟུགས་པོའི་ནང་རྒུན་འབྲུམ་མངར་ཆ་མཁོ་ཚད་མང་དུ་འགྲོ་བས། ཆང་རག་བཏུངས་རྗེས་གཟུགས་པོ་བཀྲུས་ན་མགོ་ཡུ་འཁོར་བ་དང་། ཤུགས་ཟད་པ། ཁྲག་ནང་གི་མངར་ཆ་དམའ་རུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་སླ་པོ་ཡོད།
གསུམ་ནི་ཤུགས་དྲག་ཆེ་བའི་ལུས་རྩལ་རྩེད་མ་ཐག་གཟུགས་པོ་འཁྲུ་མི་རུང་། དེ་ཡང་ཤུགས་དྲག་ཆེ་བའི་ལུས་རྩལ་རྩེད་མ་ཐག་གཟུགས་པོའི་ནང་གི་ཁྲག་གི་འཁོར་རྒྱུག་ད་དུང་མགྱོགས་པོ་ཡོད་པས། དེ་འཕྲལ་གཟུགས་པོ་བཀྲུས་ན་སྙིང་དང་ཁྲག་རྩའི་ཁུར་པོ་ལྕི་རུ་འགྲོ་བ་དང་། གནས་སྐབས་དེ་འདྲའི་འོག་གཟུགས་པོ་སྐྱོ་བའི་མི་ཡིན་ཚེ། སྲོག་ཉེན་འཕྲད་པའི་ཉེན་ཁ་ཡང་ཡོད། ཤུགས་དྲག་ཆེ་བའི་ལུས་རྩལ་རྩེད་རྗེས་སྙིང་གི་འཕར་ཚད་དང་ཁྲག་ཤེད་རྒྱུན་གཏན་ལྟར་དུ་སླར་གསོ་བྱུང་རྗེས་གཞི་ནས་གཟུགས་པོ་བཀྲུས་ན་འགྲིག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
新闻热线:400-800-0088(节目覆盖热线)
电子邮箱:4008000088@cnr.cn
违法和不良信息举报电话:010-56807188
京ICP备05065762号 京公网安备110102005709-4
访问原文 返回搜索 http://www.tibetcnr.com/jdt2019/202611/t20261112_1532131.html
本页为82搜索生成的网页快照,内容来自站内索引;演示数据的原文链接仅作示例。