网页 综合 更新时间 2026-11-14 07:32:29

中国藏语广播网

自动蜘蛛 www.tibetcnr.com 正文约 1792 字
ཆ་འཕྲིན་ཐེར་འདོན། mzjubao@cnr.cn
གསར་འགོད་པར་ཚེས་10ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་སྐབས་སུ། རང་རྒྱལ་གྱིས་རིན་གོང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རྒན་གསོ་དང་བུ་བཅོལ་སོགས་དམངས་ལ་ཕན་པའི་ལས་ཁུངས་ཁག་གིས་མང་ཚོགས་ལ་ཞབས་ཞུ་སྣ་མང་མཁོ་སྤྲོད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། མང་ཚོགས་ཀྱི་དཔལ་འབྱོར་ཁུར་པོ་ཡང་དུ་ཏན་ཏིག་གཏོང་རྒྱུ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ནས་རྒྱབ་སྐྱོར་ཐོབ་པའི་ལས་ཁུངས་ཚང་མ་དམངས་ཕན་ལས་ཁུངས་ཀྱི་ཁོངས་སུ་བཅུག་ནས། རྒྱབ་སྐྱོར་སྲིད་ཇུས་མང་པོ་ཞིག་ཁོང་ཚོར་ཁ་ཕྱོགས་སུ་བཅུག་སྟེ། ལས་ཁུངས་དེ་དག་གི་འགྲོ་གྲོན་མ་གནས་དམའ་རུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་ཡག་ཏུ་གཏོང་རྒྱུ་རེད། དེ་དང་དུས་མཚུངས་སུ། གནས་ཚུལ་མི་འདྲ་བར་གཞིགས་ནས་རིན་གོང་དོ་དམ་བྱེད་སྟངས་ལག་བསྟར་བྱས་ཏེ། ཞབས་ཞུ་མི་འདྲ་བ་སྣ་མང་མཉམ་དུ་ཡར་རྒྱས་གཏོང་རྒྱུ་ཡིན་པ་རེད།
རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་རིན་གོང་དོ་དམ་སིའི་སི་ཀྲང་གཞོན་པ་ཀྲང་ལུའུ་ཆིན་གྱིས། རིན་པ་བསྡུ་རྒྱུའི་དཀར་ཆག་བཟོ་རྒྱུ་དེ་གཙོ་གནད་དུ་བཟུང་ནས། འབྲེལ་ཡོད་ལས་རིགས་ཀྱི་རིན་པ་བསྡུ་སྟངས་འབྱུང་རྩ་ནས་ཚད་ལྡན་དུ་གཏོང་དགོས། ལས་ཁུངས་ཁག་གིས་བསྡུ་རྒྱུའི་རིན་པ་ཚང་མ་དཀར་ཆག་ནང་གསལ་པོར་འགོད་དགོས་པ་ལས། དཀར་ཆག་ནང་མེད་པའི་རིན་པ་ཟུར་དུ་གང་བྱུང་ལེན་མི་ཆོག དེ་དང་མཉམ་དུ་རིན་པ་བསྡུ་སྟངས་མང་ཚོགས་ལ་ཡོངས་བསྒྲགས་བྱེད་པའི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་སྟེ། ཡོངས་བསྒྲགས་མ་བྱས་པ་དང་། ཡོངས་བསྒྲགས་བྱས་པ་དེ་སྲིད་ཇུས་དང་མི་མཐུན་ཚེ་རིན་པ་ལེན་མི་ཆོག དཔེར་ན། བུ་བཅོལ་ཁང་གིས་ཁྱད་ལྡན་འཛིན་གྲྭ་ཞེས་པའི་མིང་ཐོག་ནས་རིན་པ་གང་བྱུང་ལེན་མི་ཆོག་པ་དང་། རྒན་གསོ་ཁང་གིས་ནད་གཡོག་འགྲོ་གྲོན་གང་བྱུང་དུ་སྤར་མི་ཆོག་པ། པུར་འཇུག་ཁང་གིས་མྱ་ངན་དུར་འཇུག་གི་མཁོ་ཆས་ཨུ་ཚུགས་ཀྱིས་མང་ཚོགས་ལ་ཉོ་རུ་འཇུག་མི་ཆོག་པ་སོགས་རེད་ཅེས་ངོ་སྤྲོད་བྱས་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
新闻热线:400-800-0088(节目覆盖热线)
电子邮箱:4008000088@cnr.cn
违法和不良信息举报电话:010-56807188
京ICP备05065762号 京公网安备110102005709-4
访问原文 返回搜索 http://www.tibetcnr.com/jdt2019/202611/t20261111_1532118.html
本页为82搜索生成的网页快照,内容来自站内索引;演示数据的原文链接仅作示例。