网页
综合
更新时间 2026-11-14 14:26:04
中国藏语广播网
自动蜘蛛
www.tibetcnr.com
正文约 1905 字
ཆ་འཕྲིན་ཐེར་འདོན། mzjubao@cnr.cn
འགྲིམ་འགྲུལ་ཁྱབ་ཁོངས་ནས་བལྟས་ན། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། ལྕགས་ལམ་སྤྱི་ལེ་ཁྲི་1.5ཙམ་གསར་སྐྲུན་བྱས་ནས་ལྕགས་ལམ་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། དེང་རབས་ཅན་གྱི་གཞུང་ལམ་འགྲིམ་འགྲུལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཚར་བ་བྱ་རྒྱུ། 2030ལོར་སླེབས་སྐབས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོ་བསྐྲུན་གྲུབ་ཚད་95%ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
གཙོ་ཆེའི་ཚོང་ཟོག་གི་རྐང་འཛིན་འཁོར་རྒྱུག་དྲ་བ་གཏོད་རྒྱུ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་ལྔ་པའི་རིང་། ད་དུང་རྒྱལ་ཁབ་རིམ་པའི་གཙོ་ཆེའི་ཚོང་ཟོག་གི་རྐང་འཛིན་འཁོར་རྒྱུག་བར་ཁྱམས་6བསྐྲུན་རྒྱུ་ཡིན་པ་རེད།
ཆུ་བེད་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་ཆུ་དྲའི་མ་ལམ་མགྱོགས་མྱུར་འཐུས་ཚང་དུ་གཏོང་རྒྱུ་དང་། ལྷོ་ཆུ་བྱང་འདྲེན་གྱི་ཆུ་ལམ་ཤར་མའི་དུས་ཐེངས་གཉིས་པའི་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་འགོག་པ་དང་། ཆུའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་སྲུང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
ནུས་རྒྱུའི་ཁྱབ་ཁོངས་སུ་ནུས་རྒྱུའི་མ་ལག་གསར་པ་གང་མགྱོགས་བསྐྲུན་ནས། རང་ཁ་རང་གསོ་འགན་ལེན་དང་བདེ་འཇགས་གྲབས་གསོག་གི་ནུས་པ་ཆེ་རུ་གཏོང་རྒྱུ་དང་། ཐཱན་འབུད་བཤངས་དང་རྫས་འགྱུར་རྡོ་སྣུམ་གྱི་ནུས་རྒྱུ་འཛད་སྤྱོད་ཀྱི་སྤྱི་འབོར་རྩེ་གྲངས་ལ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
དོ་སྣང་མཛོད། གཤམ་གསལ་གྱི་གནས་ཚུལ་འོག་གཟུགས་པོ་འཁྲུ་མི་རུང་།
ཐོབ་ཐང་ལག་ཁྱེར་གྱི་དུས་བཀག་གཙང་ཚེ། བྱང་བུ་འདི་བརྗེ་དགོས་སམ།
མགྱོགས་པོ་གཟིགས་པར་ཕེབས་དང་། མིག་གི་ལོངས་སྤྱོད་རང་རེད་འདུག
མངའ་རིས་ཀྱི་ས་གཞི་ཆེན་པོའི་ཤིང་སྡོང་།
གཟིགས་དང་། རི་མོ་འདི་དག་ལས་གནས་ལུགས་མང་པོ་བསྟན་འདུག
གནའ་བོའི་རྫ་ཆས་ལ་དུས་རབས་ཀྱི་གསོན་ཤུགས་རྒྱས།
ཨུ་རུ་སུའི་རྒྱལ་ཁབ་རྡུལ་ཕྲན་ནུས་པ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལི་ཧ་ཆའོ་ཧྥུའུ་ཡིས་ཚེས་10ཉིན།
གསར་འགོད་པར་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བར། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་སུ། རང་རྒྱལ་གྱིས་དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་།
本页为82搜索生成的网页快照,内容来自站内索引;演示数据的原文链接仅作示例。