网页 综合 更新时间 2026-11-16 01:50:12

中国藏语广播网

自动蜘蛛 www.tibetcnr.com 正文约 2319 字
ཆ་འཕྲིན་ཐེར་འདོན། mzjubao@cnr.cn
ཉིན་དེའི་དགོང་མོ་ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ལུའོ་ལང་ནུའུ་ཉེ་སིས། ཉིན་དེར་ཧྥ་རན་སིའི་ས་གནས་ཁག་ཏུ་སྤེལ་བའི་རྔམ་སྟོན་བྱེད་སྒོའི་ཁྲོད་ཉེན་རྟོག་ཕྱོགས་ཀྱིས་རིམ་རྩིས་བྱས་ན་ཞིབ་བཤེར་ཐེངས་ཁྲི་4ཙམ་བྱས་ཏེ་མི་422འཛིན་བཟུང་བྱས་ཡོད་ཅེས་བརྗོད་པ་རེད།
ནུའུ་ཉེ་སིས། ཉིན་དེར་ས་གནས་ཁག་གིས་རེ་ཞུའི་རྔམ་སྟོན་ཁྲོམ་སྐོར་སྤྱིའི་ཆ་ནས་བདེ་བླག་བྱུང་མོད། འོན་ཀྱང་ཁྲོམ་སྐོར་རུ་ཁག་ཁག་གི་ནང་དུ་དྲག་ཤུགས་གཏོར་བཤིག་དང་འཕྲོག་བཅོམ་བྱེད་མཁན་ཐོན་ཡོད་ཅེས་བརྗོད་པ་དང་། ཁོང་གིས་མི་དེ་དག་གི་དྲག་ཤུགས་བྱ་སྤྱོད་ལ་རྒོལ་གཏམ་བཏང་བ་མ་ཟད། ས་གནས་ཁག་གཅིག་ཏུ་རྔམ་སྟོན་མཇུག་སྒྲིལ་རིང་གདོང་ཐུག་ཐོན་ཡོད་ཚུལ་བསྟན་འདུག
ཧྥ་རན་སིའི་ནང་སྲིད་པུའི་བསྡོམས་རྩིས་ལྟར་ན། ཉིན་དེར་རྒྱལ་ཡོངས་སུ་ཧ་ལམ་མི་ཁྲི་32ཙམ་རྔམ་སྟོན་ནང་ཞུགས་ཡོད། ཧྥ་རན་སི་སྲིད་གཞུང་གིས་དེའི་གོང་ཉིན་དེའི་རྔམ་སྟོན་བྱེད་སྒོ་དེ་ཉེན་ཁ་ཆེན་པོ་ཡོད་པའི་དཔྱད་དཔོག་བྱས་པ་དང་། རྒྱལ་ཡོངས་སུ་ཉེན་རྟོག་པ་དང་དམག་མི་ཁྲི་7ཙམ་བཀོད་སྒྲིག་བྱས་ནས་སྒྲིག་ལམ་སྲུང་དུ་བཅུག་ཡོད།
ཧྥ་རན་སིའི་ནང་སྲིད་པུས་ཉིན་དེའི་ཆུ་ཚོད་18པར་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་གྱི་བརྡ་ཁྱབ་ནང་། དྲག་སྐྱོད་མི་སྣ་ཁག་གཅིག་གིས་པོའར་ཏུའོ་དང་། ཐུའུ་ལུའུ་ཚེ། ལེ་ཨེན། ལི་ཨེར། ནན་ཐེ། མ་སའེ། རི་ཨང་སོགས་གྲོང་ཁྱེར་ནས་གྲོང་ཁྱེར་གྱི་ལྟེ་བར་བསྐྱོད་དེ་གཏོར་བཤིག་དང་འཕྲོག་བཅོམ་བྱེད་རྩིས་བྱས་པར་ཉེན་རྟོག་ཕྱོགས་ཀྱིས་བཀག་འགོག་བྱས་པ་དང་། ས་ཁུལ་ཁག་གཅིག་ཏུ་གདོང་ཐུག་སྔར་བཞིན་ཐོན་བཞིན་ཡོད་ཅེས་བསྟན་འདུག
ཉིན་དེར་ཕ་རི་སིའི་རྔམ་སྟོན་ཁྲོམ་སྐོར་གྱི་རྣམ་པ་སྤྱིའི་ཆ་ནས་ལྷིང་འཇགས་ཡིན་མོད། འོན་ཀྱང་ཁྲོམ་སྐོར་མཇུག་སྒྲིལ་རིང་ཕ་རི་སིའི་ཤར་ལྷོའི་རྒྱུད་ཀྱི་ཧྲ་ལང་ཐུང་མོན་ཉེ་འགྲམ་དུ་ཟིང་ཆ་ལངས་ཡོད།
ཧྥ་རན་སིར་ཉེ་དུས་གཞི་ཁྱོན་ཆེ་བའི་རྔམ་སྟོན་བྱེད་སྒོ་བསྟུད་མར་ཐོན་པས། ས་ཁུལ་ཁག་གཅིག་ཏུ་གཏུམ་སྤྱོད་ཀྱི་གདོང་ཐུག་དང་ཚོང་ཁང་ལ་གཏོར་སྐྱོན་ཕོག་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད། བཟོ་ཚོགས་དང་སློབ་མའི་སྒྲིག་འཛུགས་ཁག་གཅིག་གིས་ཟླ་11ཚེས་5ཉིན་རྒྱལ་ཡོངས་རང་བཞིན་གྱི་ངོ་རྒོལ་བྱེད་སྒོ་སྤེལ་རྒྱུ་ཡིན་ཚུལ་བརྗོད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། རིན་ཆེན་འཚོ།
འདི་དག་ལ་ཡིད་གཟབ་གནང་རོགས། དེ་ལྟར་མིན་ཚེ་མིག་ལོང་བའི་ཉེན་ཁ་འདུག
མཇིང་ཚིཌ་ཀྱི་ཉེན་གནས་ལ་འཕུར་མཉེད་གཏོང་མི་ཉན།
མགྱོགས་པོ་གཟིགས་པར་ཕེབས་དང་། མིག་གི་ལོངས་སྤྱོད་རང་རེད་འདུག
མངའ་རིས་ཀྱི་ས་གཞི་ཆེན་པོའི་ཤིང་སྡོང་།
གཟིགས་དང་། རི་མོ་འདི་དག་ལས་གནས་ལུགས་མང་པོ་བསྟན་འདུག
གནའ་བོའི་རྫ་ཆས་ལ་དུས་རབས་ཀྱི་གསོན་ཤུགས་རྒྱས།
ཉིན་དེར་ཕ་རི་སིའི་རྔམ་སྟོན་ཁྲོམ་སྐོར་གྱི་རྣམ་པ་སྤྱིའི་ཆ་ནས་ལྷིང་འཇགས་ཡིན་མོད། འོན་ཀྱང་ཁྲོམ་སྐོར་མཇུག་སྒྲིལ་རིང་ཕ་རི་སིའི་ཤར་ལྷོའི་རྒྱུད་ཀྱི་ཧྲ་ལང་ཐུང་མོན་ཉེ་འགྲམ་དུ་ཟིང་ཆ་ལངས་ཡོད།
访问原文 返回搜索 http://www.tibetcnr.com/zhnew/wh/202611/t20261105_1532051.html
本页为82搜索生成的网页快照,内容来自站内索引;演示数据的原文链接仅作示例。