网页
综合
更新时间 2026-11-16 01:50:01
中国藏语广播网
自动蜘蛛
www.tibetcnr.com
正文约 2165 字
ཆ་འཕྲིན་ཐེར་འདོན། mzjubao@cnr.cn
ཨུ་རུ་སུའི་རྒྱལ་ཁབ་རྡུལ་ཕྲན་ནུས་པ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལི་ཧ་ཆའོ་ཧྥུའུ་ཡིས་ཚེས་10ཉིན། ཀུང་སི་དེས་2027ལོར་ཟླ་བའི་གོ་ལའི་ཉིང་རྡུལ་གློག་ཁང་གི་ཇུས་གཞི་འདེམས་རྩིས་ཡོད་ཅེས་བརྗོད་འདུག
ཨུ་རུ་སུ་ཕྱོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལི་ཧ་ཆའོ་ཧྥུའུ་ཡིས་ཚེས་10ཉིན་འཚོགས་པའི་སྲིད་གཞུང་གི་མཁའ་སྐྱོད་འཕེལ་རྒྱས་འཐབ་ཇུས་ཚོགས་འདུ་འཚོགས་རྗེས། ཨུ་རུ་སུའི་རྒྱལ་ཁབ་རྡུལ་ཕྲན་ནུས་པ་ཀུང་སིས་ཟླ་བའི་གོ་ལའི་ཉིང་རྡུལ་གློག་ཁང་གི་ཇུས་གཞི་རིགས་5ལ་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། 2027ལོར་དེ་དག་ཁྲོད་ནས་རིགས་གཅིག་འདེམས་རྒྱུ་རེད་ཅེས་བརྗོད་ཡོད། ལི་ཧ་ཆའོ་ཧྥུའུ་ཡིས། ཨུ་རུ་སུའི་རྒྱལ་ཁབ་རྡུལ་ཕྲན་ནུས་པ་ཀུང་སི་དང་། ཨུ་རུ་སུའི་ཁུའར་ཆ་ཐུའོ་ཧྥུའུ་ཞིབ་འཇུག་སུའོ། ཨུ་རུ་སུའི་ཚན་རིག་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་འབྲེལ་ཡོད་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
ལི་ཧ་ཆའོ་ཧྥུའུ་ཡིས། འདི་གར་བཤད་པའི་ནུས་ཚད་སྟོང་ཝ་10ཟིན་པའི་ཟླ་བའི་གོ་ལའི་ཉིང་རྡུལ་གློག་ཁང་དེ་དུས་རབས་21པའི་ལོ་རབས་30པའི་དུས་དཀྱིལ་ནས་འཁོར་སྐྱོད་བྱེད་འགོ་འཛུགས་རྒྱུའི་འཆར་གཞི་བཟོས་ཡོད། མིག་སྔར་ང་ཚོས་གྲུབ་དབྱིབས་རིགས་5ལ་ཞིབ་འཇུག་གཏིང་ཟབ་བྱེད་བཞིན་ཡོད་དེ། ཉིང་རྡུལ་ནུས་པ་དེ་ཐད་ཀར་གློག་ནུས་སུ་བསྒྱུར་བ་དང་དེ་ནས་དེ་མཚུངས་ཀྱི་སྒྲོ་གཤོག་སྒྲིག་ཆས་བཟོ་བའི་བར་ཡིན། ང་ཚོས་ངེས་པར་དུ་སང་ལོར་གྲུབ་དབྱིབས་གཏན་འཁེལ་བྱེད་དགོས་པ་དང་འབྲེལ་འབྲེལ་ཡོད་ལས་དོན་སྤེལ་འགོ་འཛུགས་དགོས་ཞེས་བརྗོད་ཡོད།
ཨུ་རུ་སུའི་ཟླ་བའི་གོ་ལའི་གློག་ཁང་རྣམ་གྲངས་ནང་ཞུགས་མཁན་ཨུ་རུ་སུའི་ཁུའར་ཆ་ཐུའོ་ཧྥུའུ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་སྨི་ཧ་དབྱིར•ཁོ་ཝའར་ཆིའུ་ཁེས་ད་ལོའི་ཟླ་3པར། ཨུ་རུ་སུས་ལོ་5ནས་ལོ་7གྱི་ནང་ཟླ་བའི་གོ་ལའི་ཐོག་ཉིང་རྡུལ་གློག་ཁང་བསྐྲུན་ཐུབ་བཟོ་ཡོད་ཅེས་བརྗོད་ཡོད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
དོ་སྣང་མཛོད། གཤམ་གསལ་གྱི་གནས་ཚུལ་འོག་གཟུགས་པོ་འཁྲུ་མི་རུང་།
ཐོབ་ཐང་ལག་ཁྱེར་གྱི་དུས་བཀག་གཙང་ཚེ། བྱང་བུ་འདི་བརྗེ་དགོས་སམ།
མགྱོགས་པོ་གཟིགས་པར་ཕེབས་དང་། མིག་གི་ལོངས་སྤྱོད་རང་རེད་འདུག
མངའ་རིས་ཀྱི་ས་གཞི་ཆེན་པོའི་ཤིང་སྡོང་།
གཟིགས་དང་། རི་མོ་འདི་དག་ལས་གནས་ལུགས་མང་པོ་བསྟན་འདུག
གནའ་བོའི་རྫ་ཆས་ལ་དུས་རབས་ཀྱི་གསོན་ཤུགས་རྒྱས།
ཉིན་དེར་ཕ་རི་སིའི་རྔམ་སྟོན་ཁྲོམ་སྐོར་གྱི་རྣམ་པ་སྤྱིའི་ཆ་ནས་ལྷིང་འཇགས་ཡིན་མོད། འོན་ཀྱང་ཁྲོམ་སྐོར་མཇུག་སྒྲིལ་རིང་ཕ་རི་སིའི་ཤར་ལྷོའི་རྒྱུད་ཀྱི་ཧྲ་ལང་ཐུང་མོན་ཉེ་འགྲམ་དུ་ཟིང་ཆ་ལངས་ཡོད།
ཨུ་རུ་སུའི་རྒྱལ་ཁབ་རྡུལ་ཕྲན་ནུས་པ་ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་ལི་ཧ་ཆའོ་ཧྥུའུ་ཡིས་ཚེས་10ཉིན།
本页为82搜索生成的网页快照,内容来自站内索引;演示数据的原文链接仅作示例。